ཕྱག་མཆོད།
༄
ན་མོ་ལོ་ཀེ་ཤྭ་ར་ཡ། -འཇིག་རྟེན་དབང་ཕྱུག་ལ་ ཕྱག་འཚལ་ལོ།
ན་མོ།- ཕྱག་འཚལ་ལོ་ ཟེར་བའི་དོན། ལོ་ཀེ།- འཇིག་རྟེན་ ཟེར་བའི་དོན། ཤྭ་ར།- དབང་ཕྱུག་ ཟེར་བའི་དོན།
ཡ། - ལུ་
ཟེར་བའི་དོན།
༅ གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་།།
འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི།།
བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ།།
རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།
ཁམས་གསུམ་འཁོར་བའི་ཆོས་དང་
ཞི་བ་མྱ་ངན་ལས་ འདས་པའི་ཆོས་གེ་ར( དཔེར་ན་ པི་ཝང་དང་སྒྲ་སྙན་གྱི་སྒྲ་
ག་ནི་བ་ཧནམ་དེ་ པི་ཝང་བསྐྲགས་ཚར་བའི་ཤུལ་ལུ་ དེ་ཁར་འགྱོཝ་ཨིན་ཟེརཝ་དང་
འགོ་དང་པ་བསྐྲགས་པའི་སྐབས་ དེ་ཁ་ལས་ འོངམ་ཨིན་ཟེརཝ་(འགྲོ་འོང་)
སླབ་ནི་མེདཔ་བཟུམ།)
རྒྱ་དང་རྐྱན་ལེ་ཤཱ་ཅིག་ གཅིག་ཁར་འཛོམས་ཏེ་ བྱུང་བྱུངམ་མ་གཏོགས་ ངོ་བོ་རྡོག་རྡོག་རིལ་རིལ་སྦེ་
གྲུབ་གྲུབ་ཅིག་མེདཔ་སྦེ་གཟིགས་ཏེ་ རང་གི་དོན་ལུ་ སངས་རྒྱས་ཐོབ་ཚར་རུང་
རྣམ་པ་གང་ལ་གང་འདུལ་སྦེ་སྤྲལ་ཏེ་ འཇིག་རྟེན་ལུ་
བྱོན་ཞིནམ་ལས་ འགྲོ་བ་སེམས་ཅན་ཚུ་གི་
དོན་རྐྱངམ་གཅིག་ལུ་ བརྩོན་པར་མཛད་པའི་ བླམ་མཆོག་ཏུ་གྱུར་པ་དང་
ཡི་དམ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་མགོན་ལུ་
དུས་ཨ་རྟག་ར་ སྒོ་གསུམ་( ལུས་ངག་ཡིད) གུས་པའི་སྒོ་ལས་ ཕྱག་འཚལཝ་ཨིན་ ཟེར་བའི་དོན་ཨིན་མས་ལགས།
དྲན་གསོ།
ཕྱག་མཆོད། - ཕྱག་དང་མཆོད་པ་ ཕུལ་བའི་དོན་ཨིན། གོང་གི་ཚིག་བཅད་སྐབས་ལུ་ ཕྱག་དང་མཆོད་པ་འདི་
རྒྱལ་སྲས་ལག་ལེན་རྩོམ་པ་པོ་རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས་ ཁོ་རའི་རྩ་བའི་བླམ་ཚུ་དང་ ཡི་དམ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལུ་ ཕུལཝ་ཨིན་མས།
No comments:
Post a Comment